西藏和平解放后,消除贫困、改善民生始终是西藏工作的核心内容。受到自然条件艰苦、发展的起点低等因素制约,西藏的贫困发生率高、贫困程度深、扶贫成本高、脱贫难度大。经过几代人的持续努力,特别是党的十八大以来,通过脱贫攻坚战,集中力量解决了千百年来困扰雪域高原的贫困问题,到2019年底,西藏74个县全部脱贫摘帽,62.8万建档立卡贫困人口实现脱贫。这是习近平总书记亲自谋划、亲自部署、亲自推动的脱贫攻坚行动的巨大胜利,是中国共产党的执政理念和中国特色社会主义制度优越性的巨大胜利。
བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། དབུལ་ཕོངས་མེད་པར་བཟོ་བ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་གྱི་ནང་དོན་གཙོ་བོ་ཞིག་ཡིན། འོན་ཀྱང་རང་བྱུང་ཆ་རྐྱེན་ཞན་པ་དང་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དམའ་བ་སོགས་འཆིང་རྒྱའི་རྐྱེན་གྱིས། བོད་ནི་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཁུལ་འབའ་ཞིག་ཡིན་པ་དང་། དབུལ་ཕོངས་འབྱུང་ཚད་ཆེས་མཐོ་བ་དང་། དབུལ་ཕོངས་ཀྱི་ཚད་ཆེས་ཟབ་པ། དབུལ་སྐྱོར་གྱི་མ་གནས་ཆེས་མཐོ་བ། དབུལ་སྒྲོལ་གྱི་དཀའ་གནད་ཆེས་ཆེ་བ་བཅས་ཡིན་མོད། འོན་ཀྱང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་རབས་རིམ་པས་རྒྱུན་མཐུད་འབད་བརྩོན་བྱས་པའི་རྨང་གཞིའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱུད། སྟོབས་ཤུགས་གཅིག་བསྡུས་ཀྱིས་ལོ་ངོ་བརྒྱ་སྟོང་རིང་གངས་ལྗོངས་ས་མཐོའི་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་པས། ༢༠༡༩ལོའི་ལོ་མཇུག་ཏུ་སླེབས་སྐབས། བོད་ཀྱི་རྫོང༧༤ཚང་མར་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི༦༢.༨དབུལ་སྒྲོལ་ཐུབ་པ་བྱུང་། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་གནང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཆེན་པོ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་ལྟ་སྤྱོད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཞིག་ཀྱང་རེད།
版权所有:Copyright©2020 中国藏学研究中心西藏文化博物馆 All Rights Reserved.
本站所刊登的各种文字、图片﹑视频和360°全景展厅资料,均为西藏文化博物馆版权所有,未经协议授权禁止下载使用。
登录请登录后评论